首页   威廉希尔官网谁知道   政府信息   公共服务   互动交流  

     您的位置:首页 > 政府信息 > 政务要闻 > 果洛要闻

威廉希尔官网谁知道-【汉藏双文】武玉嶂在果洛州佛教协会第五次代表大会上的讲话
来源:果洛新闻网    时间:2019年05月22日    
 

  ༄༅། །མགོ་ལོག་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་ལྔ་པའི་ཐོག་གི་གཏམ་བཤད།

  在果洛州佛教协会第五次代表大会上的讲话

  (2019年5月21日)

  བུའུ་ཡུས་ཀྲང་།武玉嶂

  ༄༅། །འཐུས་མི་རྣམ་པ། བློ་མཐུན་རྣམ་པ།各位代表、同志们:

  དེ་རིང་། ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་མི་རྣམས་དང་ལྷན་དུ་འཛོམས་ཏེ། མགོ་ལོག་ཁུལ་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་འཐུས་མི་ཚོགས་འདུ་ཐེངས་ལྔ་པ་གཟབ་རྒྱས་ངང་འཚོགས་ཤིང་། ཉམས་མྱོང་ཕྱོགས་བསྡོམས་དང་གནད་དོན་ལ་དབྱེ་ཞིབ་སྒོས་རྗེས་མའི་ལོ ༥ ལས་དོན་བཀོད་སྒྲིག་གནང་། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་གསར་བའི་ལས་འཛིན་ལྷན་ཚོགས་དང་མགོ་ཁྲིད་ཚན་ཁག་བདམས་ཐོན་བྱུང་བ་ཡིན། གོ་སྐབས་འདི་དང་བསྟུན་ནས། ང་རང་ཁུལ་ཨུ་ཁུལ་སྲིད་གཞུང་གི་ཚབ་བྱས་ནས། ཚོགས་འདུ་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་ཡིན་ལ། ཚོགས་འདུར་ཞུགས་ཡོད་པའི་འཐུས་མི་རྣམས་དང་ཁྱེད་ཚོ་བརྒྱུད་དེ་ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་ཡིན།

  今天,全州藏传佛教界的代表齐聚一堂,隆重召开果洛州藏传佛教协会第五次代表会议,总结经验,分析问题,部署今后5年的工作,选举产生州佛协新一届理事会和领导班子。借此机会,我代表州委、州政府,对会议的召开表示热烈祝贺,向与会代表并通过你们向全州藏传佛教界人士致以诚挚问候!


  ཉེ་བའི་ལོ་འདི་འགའི་རིང་ལ། ཁུལ་ཨུ་ཁུལ་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་བྱས་ཤིང་། མཐའ་གཅིག་ཏུ་ཀྲུང་དབྱང་གི་ཆོས་ལུགས་ལས་དོན་དང་འབྲེལ་བའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་སྒོས། ཧུར་ཐག་གིས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རྒྱ་ཆེའི་མི་སྣ་དང་དད་ལྡན་མང་ཚོགས་ལ། རང་རྟོགས་ངང་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞིས་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོན་པའི་གཅིག་གྱུར་ཡོང་བར་ཁྲིད་སྟོན་མཛད་དེ། བདེ་འཇགས་དགོན་སྡེ་འཛུགས་སྐྲུན་ལ་སྣེ་ཁྲིད་ཡག་པོ་བྱེད་པར་ཤུགས་སྣོན་བྱས་ཤིང་། ས་ཁུལ་བརྟན་ལྷིང་དང་སྤྱི་ཚོགས་འཆམ་མཐུན། མི་རིགས་མཐུན་སྒྲིལ། རྒྱལ་ཁབ་བདེ་འཇགས། མེས་རྒྱལ་གཅིག་གྱུར་བཅས་ཀྱི་སྲུང་སྐྱོང་ལ་དགེ་མཚན་ལྡན་པའི་ནུས་པའང་འདོན་སྤེལ་བྱས། ལྷག་པར་དུ ༢༠༡༤ ལོའི་ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཞི་པ་བསྡུས་པ་ནས་བཟུང་། ཁུལ་ནང་བསྟན་མཐུན་ཚོགས་སྐབས་བཞི་པའི་ལས་འཛིན་ལྷན་ཚོགས་ཀྱི་མགོ་ཁྲིད་ཚན་ཁག་གིས། ཐོག་མཐའ་བར་གསུམ་དུ་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ངང་འཕེལ་རྒྱས་འབྱུང་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མི་རིགས་རིག་གནས་དར་སྤེལ་དང་རང་ངོས་འཛུགས་སྐྱོང་ལ་སྐུལ་འདེད། སྡོམ་ཁྲིམས་སྒོམ་སྲུང་ལ་ཤུགས་སྣོན། དགོན་པའི་དོ་དམ་ཚད་ལྡན་སོགས་ཀྱི་ཐད་ལ་ནུས་པ་ལྡན་པའི་ལས་དོན་མང་པོ་བསྒྲུབས་པས། སྤྱི་ཚོགས་ལས་རིགས་ཁག་གིས་གདེང་འཇོག་བཟང་པོ་ཐོབ་ལ། ཁུལ་ཨུ་ཁུལ་སྲིད་གཞུང་གིས་ཀྱང་ཁས་ལེན་བྱས་པ་ཡིན།

  近年来,州委、州政府以习近平新时代中国特色社会主义思想为指引,坚决贯彻落实中央关于宗教工作的决策部署,积极引导藏传佛教界广大人士和信教群众自觉在思想上政治上行动上同以习近平同志为核心的党中央保持高度一致,加强引好平安寺院建设,为维护地区稳定、社会和谐、民族团结、国家安全和祖国统一发挥了积极作用。特别是2014年全州藏传佛教协会第四次代表大会以来,州佛协第四届理事会领导班子始终坚持党的领导,坚持宗教与社会主义社会相适应的发展方向,在弘扬民族文化、推进自身建设、加强戒律修持、规范寺院管理等方面做了许多有效的工作,受到社会各界的普遍好评,对此州委、州政府也是肯定的。

  ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་འོག ང་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་གྱི་དུས་རབས་གསར་བ་བཏོད་ཅིང་། "ལོ་བརྒྱ་གཉིས་ཀྱི་དམིགས་ཚད"མངོན་འགྱུར་བྱེད་པའི་དུས་རབས་ཀྱི་སྒྲ་དབྱངས་ཆེན་མོ་དཀྲོལ། འདི་ཡང་བོད་བརྒྱུད་ནང་བསྟན་ལས་རིགས་ཁོངས་གཏོགས་ཀྱི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་འདུན་པ་མཚོན་ལ། རྒྱལ་ཁབ་སྟོབས་འབྱོར་དང་མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་བཅས་ཀྱི་མཛེས་སྡུག་ལྡན་པའི་མདུན་ལྗོངས་དེ་རིམ་བཞིན་དུ་མངོན་འགྱུར་བྱུང་བཞིན་ཡོད་པ་མཚོན། རླབས་ཆེན་གྱི་དུས་རབས་འདི་འདྲ་ཞིག་ལ་འཚོ་གནས་བྱུང་བས། ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་རྙེད་པར་དཀའ་བའི་དུས་རབས་བཟང་པོ་འདི་ལ་གཅེས་སྤྲས་བརྒྱ་འགྱུར་བྱེད་དགོས་ལ། འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་བཅས་ཀྱི་མགོ་ལོག་གསར་བ་འཛུགས་སྐྲུན་བྱེད་པར་དམིགས་ནས། སྔར་བས་ཡིད་ཆེས་ཇེ་བརྟན་དང་འབད་འབུངས་ཡར་བརྩོན་གྱིས་བསམ་པའི་ཉམས་འགྱུར་བཟང་པོ་ཞིག་གི་ཐོག་ནས་ནང་བསྟན་མཐུན་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ལ། དོན་དངོས་སྟེང་ཏང་དང་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ལ་འབྲེལ་བ་དང་མཐུན་སྒྲིལ། སློབ་གསོ་བཅས་བྱེད་པའི་སྦྲེལ་ཟམ་དང་སྒྲོག་ཐག་ལྟ་བུ་ཞིག་ཏུ་འགྱུར་དགོས།

  党的十九大以来,在以习近平总书记为核心的党中央正确领导下,我们开启了实现中华民族伟大复兴中国梦的新时代,奏响了实现“两个百年目标”的时代最强音,这也承载者包括藏传佛教界在内的全体中华儿女的共同向往,昭示着国家富强、民族振兴、人民幸福的美好前景正在逐步成为现实。身处这个伟大的时代,全州藏传佛教界要倍加珍惜来之不易的大好局面,紧紧围绕富裕文明和谐美丽新果洛建设,进一步坚定信心、奋发作为,以良好的精神风貌发挥好佛协作用,真正成为党和政府联系、团结、教育藏传佛教界人士和信教群众的桥梁和纽带。

  ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་འོག ང་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་གྱི་དུས་རབས་གསར་བ་བཏོད་ཅིང་། "ལོ་བརྒྱ་གཉིས་ཀྱི་དམིགས་ཚད"མངོན་འགྱུར་བྱེད་པའི་དུས་རབས་ཀྱི་སྒྲ་དབྱངས་ཆེན་མོ་དཀྲོལ། འདི་ཡང་བོད་བརྒྱུད་ནང་བསྟན་ལས་རིགས་ཁོངས་གཏོགས་ཀྱི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་འདུན་པ་མཚོན་ལ། རྒྱལ་ཁབ་སྟོབས་འབྱོར་དང་མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་བཅས་ཀྱི་མཛེས་སྡུག་ལྡན་པའི་མདུན་ལྗོངས་དེ་རིམ་བཞིན་དུ་མངོན་འགྱུར་བྱུང་བཞིན་ཡོད་པ་མཚོན། རླབས་ཆེན་གྱི་དུས་རབས་འདི་འདྲ་ཞིག་ལ་འཚོ་གནས་བྱུང་བས། ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་རྙེད་པར་དཀའ་བའི་དུས་རབས་བཟང་པོ་འདི་ལ་གཅེས་སྤྲས་བརྒྱ་འགྱུར་བྱེད་དགོས་ལ། འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་བཅས་ཀྱི་མགོ་ལོག་གསར་བ་འཛུགས་སྐྲུན་བྱེད་པར་དམིགས་ནས། སྔར་བས་ཡིད་ཆེས་ཇེ་བརྟན་དང་འབད་འབུངས་ཡར་བརྩོན་གྱིས་བསམ་པའི་ཉམས་འགྱུར་བཟང་པོ་ཞིག་གི་ཐོག་ནས་ནང་བསྟན་མཐུན་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ལ། དོན་དངོས་སྟེང་ཏང་དང་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ལ་འབྲེལ་བ་དང་མཐུན་སྒྲིལ། སློབ་གསོ་བཅས་བྱེད་པའི་སྦྲེལ་ཟམ་དང་སྒྲོག་ཐག་ལྟ་བུ་ཞིག་ཏུ་འགྱུར་དགོས།

  党的十九大以来,在以习近平总书记为核心的党中央正确领导下,我们开启了实现中华民族伟大复兴中国梦的新时代,奏响了实现“两个百年目标”的时代最强音,这也承载者包括藏传佛教界在内的全体中华儿女的共同向往,昭示着国家富强、民族振兴、人民幸福的美好前景正在逐步成为现实。身处这个伟大的时代,全州藏传佛教界要倍加珍惜来之不易的大好局面,紧紧围绕富裕文明和谐美丽新果洛建设,进一步坚定信心、奋发作为,以良好的精神风貌发挥好佛协作用,真正成为党和政府联系、团结、教育藏传佛教界人士和信教群众的桥梁和纽带。

  མགོ་ལོག་བོད་བརྒྱུད་ནང་བསྟན་མཐུན་ཚོགས་རྒན་གསར་བརྗེ་མཐུད་ཀྱི་སྐབས་འདིར། ང་རང་ཁུལ་ཨུའི་ཚབ་བྱས་ནས་སྐབས་གསར་བའི་ལས་འཛིན་ལྷན་ཚོགས་དང་རྒྱ་ཆེའི་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣར་བླང་བྱ་དང་རེ་བ་འགའ་འདོན་རྒྱུ་ཡིན།

  值此果洛州藏传佛教协会新老交替之际,我代表州委对新一届理事会和广大藏传佛教界人士提几点要求和希望。

  དང་པོ། ཀྲུང་དབྱང་དང་ཞིང་ཨུའི་བླང་བྱ་གསར་བར་དམ་པོ་དམིགས་ནས། བཅོས་སྒྱུར་འཕེལ་རྒྱས་གཏན་འཇགས་བཅས་ཀྱི་སྤྱི་ཡོངས་ཁྲོད་ལེགས་སྐྱེས་འབུལ་དགོས།

  一、紧紧围绕中央省委新要求,在改革发展稳定大局中贡献力量

  སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ནན་གྱིས་བསྟན་དོན། "ཁྱོན་ཡོངས་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་བྱས་ཏེ།ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་སྒོས། ཆོས་ལུགས་འབྲེལ་བ་ཞི་མཐུན་ཡོང་བར་སྐུལ་འདེད་བྱེད་དགོས།"ཞེས་པ་ལྟར། འདི་ནི་གནས་བབ་གསར་བའི་ཁྲོད་ང་ཚོས་ཆོས་ལུགས་ལས་དོན་ལེགས་པར་སྒྲུབ་པའི་རྩ་བའི་བླང་བྱ་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་ཡིན། ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ལས་རིགས་ཀྱིས་གཏིང་ཟབ་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞིས་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ་སྒོས། སྔར་བས་ཏང་གི་ཆོས་ལུགས་སྲིད་ཇུས་དང«ཆོས་ལུགས་ལས་དོན་སྲོལ་ཡིག»གི་སློབ་སྦྱོང་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས། སྔར་བས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མི་རིགས་ཆོས་ལུགས་ལས་དོན་རྣམ་བཤད་ཀྱི་དགོངས་དོན་གལ་ཆེན་ལ་ངོ་བོའི་གོ་བ་ཟབ་མོ་ལེན་དགོས། རིགས་གཞུང་གིས་ལག་ལེན་ལ་མཛུབ་ཁྲིད་བྱེད་པར་མཐོང་ཆེན་གྱིས། ཧུར་ཐག་གིས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་འཚམ་མཐུན་ཡོང་རྒྱུར་སྐུལ་བྱེད་དགོས། ཧུར་ཐག་གིས་བསྟན་དོན་འཆད་འགྲེལ་གྱིས་བོད་བརྒྱུད་ནང་བསྟན་གྱི་བསྟན་བཅོས་ཁྲོད་ཀྱི་དགེ་སྤེལ་སྡིག་སྤོང་དང་འདྲ་མཉམ་བཟོད་སྒོམ། དབུལ་སྐྱོར་དཀའ་སེལ་སོགས་ཀྱི་དགོངས་པ་དར་སྤེལ་བཏང་སྟེ། བོད་བརྒྱུད་ནང་བསྟན་གྱི་འཕེལ་རྒྱས་དེ་མགོ་ལོག་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་ཁྲོད་མཐུན་འདྲིས་ཡོང་བ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་གསར་སྐྲུན་བྱེད་པའི་རླབས་ཆེན་འགན་ལེན་ཁྲོད་ནུས་པ་འདོན་པར་འབད་བརྩོན་བྱེད་དགོས།

  习近平总书记强调:“要全面贯彻党的宗教工作基本方针,发挥宗教界人士和信教群众在促进经济社会发展中的积极作用,促进宗教关系和谐。”这是我们做好新形势下宗教工作的根本要求和行动指南。全州藏传佛教界要结合深入学习党的十九大精神和习近平新时代中国特色社会主义思想,进一步强化对党的宗教政策和《宗教事务条例》的学习贯彻,进一步深化习近平总书记关于民族宗教工作重要论述精神实质的领会,注重理论指导实践,积极促进宗教与社会主义社会相适应,积极开展教义阐释,弘扬藏传佛教教义中的扬善抑恶、平等宽容、扶贫济苦等思想,把藏传佛教的发展融入到果洛经济社会发展进步中,在推动全面建成小康社会的伟大实践中努力作为。

  ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི"རྒྱལ་ཁབ་བཟང་ཞིང་མི་རིགས་བཟང་ན། ཚང་མར་བཟང་།"ཞེས་པའི་རྒྱས་བཤད་གལ་ཆེན་ལ་གོ་བ་ཟབ་མོ་ལེན་དགོས། རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་ན་ད་གཟོད་མི་རིགས་ཁག་བདེ་སྡོད་ལས་བརྩོན་ཡོང་ཐུབ་པ་དང་། བོད་བརྒྱུད་ནང་བསྟན་གཞི་ནས་ཞི་མཐུན་འཕེལ་རྒྱས་ཡོང་བའི་ངོས་འཛིན་ཟབ་མོ་ཡོད་དགོས་ལ། ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་ཏང་གི་མགོ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་སྒོས། ཆོས་གཅེས་ཏང་གཅེས་རྒྱལ་གཅེས་ཟུང་འབྲེལ་དང་སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བྱེད་པ་ཟུང་འབྲེལ་བྱེད་དགོས། ཆབ་སྲིད་ཐོག་མཐུན་སྒྲིལ་མཉམ་ལས་དང་དད་མོས་ཐོག་ཕན་ཚུན་བརྩི་འཇོག་བྱེད་པ་རྒྱུན་འཁྱོངས་བྱས་ནས། མཐུལ་སྒྲིལ་གཅིག་གྱུར་ལ་ཕན་པའི་ལས་དོན་མང་ཙམ་སྒྲུབ་པ་དང་། སྤེལ་རེས་མཉམ་འདྲེས་ལ་ཕན་པའི་ལས་དོན་མང་ཙམ་སྒྲུབ་པ་བཅས་ཀྱིས། མི་རིགས་ཁག་ཐུན་མོང་གིས་དར་རྒྱས་གོང་འཕེལ་དང་ཐུན་མོང་གིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་རྣམ་པ་བཟང་པོར་སྲུང་སྐྱོང་དང་འཕེལ་རྒྱས་ཏན་ཏིག་བྱེད་དགོས། "མཐུན་སྒྲིལ་གཏན་འཇགས་ནི་བདེ་སྐྱིད་དང་། ཁ་བྲལ་ཟིང་ཆ་ནི་ཆག་སྒོ་ཡིན"པ་ལྟར། བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣ་ཡང་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན་པའི་ཆ་ནས། མུ་མཐུད་དུ་རྒྱལ་ཁབ་ཀྱི་ཁེ་ཕན་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་འགན་འཁྲིའི་བསམ་པ་དང་འགན་སྒྲུབ་སེམས་པ་ཆེ་རུ་གཏོང་དགོས། རང་འགུལ་གྱིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འགན་འཁྲི་འཁུར་དགོས་ལ། ཆོས་ལུགས་སྤྱད་དེ་ཁྲིམས་འགལ་ཉེས་གསོག་དང་ཁ་བྲལ་སིམ་འཛུལ་བྱེད་པའི་བྱ་སྤྱོད་མཐའ་དག་ལ་མཐའ་གཅིག་ཏུ་འཐབ་རྩོད་བྱེད་དགོས། མུ་མཐུད་དུ་རང་ངོས་ཀྱི་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་ཡག་པོ་བྱས་ནས། རྒྱ་ཆེ་གྲྭ་བཙུན་དང་དད་ལྡན་མང་ཚོགས་རྣམས་ལ་མིག་སྔའི་འཆམ་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་དང་རྙེད་པར་དཀའ་བའི་བདེ་སྐྱིད་ཀྱི་འཚོ་བར་གཅེས་སྤྲས་བྱེད་དགོས་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།

  我们要深入理解习近平总书记“国家好,民族好,大家才会好”的重要论述,深刻认识到只有国家繁荣富强,各族人民才能安居乐业,藏传佛教才能和谐发展,始终坚定不移地拥护党的领导,拥护社会主义制度,把爱教与爱党爱国结合起来,与热爱社会主义结合起来,坚持政治上团结合作、信仰上互相尊重,多做有利于团结统一的工作,多做有利于交流交融的事情,切实维护好、发展好各民族共同繁荣发展、共同团结奋斗的大好局面。“团结稳定是福,分裂动乱是祸”。藏传佛教界人士作为国家公民,要不断增强维护国家利益和民族团结的责任感和使命感,自觉担负起维护祖国统一、反对民族分裂的责任,坚决同一切利用宗教从事违法犯罪和分裂渗透的活动作斗争,继续发挥好自身的特点优势,教育和引导广大僧尼和信教群众倍加珍惜当前和谐稳定的大好局面和来之不易的幸福生活。

  གཉིས་པ། དུས་རབས་ཀྱི་འཕར་རྩ་དམ་པོར་བཟུང་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པའི་འཕེལ་རིམ་ཁྲོད་དུས་བསྟུན་མདུན་སྐྱོད་བྱེད་དགོས།

  二、紧紧把握时代脉搏,在适应社会主义社会的进程中与时俱进

  སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ནན་གྱིས་བསྟན་དོན། "ཧུར་ཐག་གིས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས་ལ། ངེས་པར་དུ་རྩོད་སྒྲུབ་ལྟ་བས་ཆོས་ལུགས་ཀྱིས་སྤྱི་ཚོགས་ལ་ཐོན་པའི་ནུས་པར་ལྟ་དགོས། ངེས་པར་དུ་ཆོས་ལུགས་ལས་རིགས་མི་སྣའི་ནུས་པ་འདོན་སྤེལ་བྱེད་པར་མཐོང་ཆེན་བྱེད་དགོས།"ཞེས་པ་ལྟར། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས་ལ། ངེས་པར་དུ་ཆོས་ལུགས་ཀྱི་བསྟན་དོན་གསལ་འགྲེལ་ཡག་པོ་བྱེད་དགོས། ང་ཚོས་འཐབ་ཕྱོགས་གཅིག་གྱུར་པུའུ་མི་རིགས་ཆོས་ལུགས་སྡེ་ཁག་གི་མཛུབ་ཁྲིད་འོག བསམ་ཕྱོགས་གསར་གཏོད་དང་གཞི་རྟེན་ཕུན་ཚོགས་ཀྱི་ནང་བསྟན་གླེང་སྟེགས་དང་ཞིབ་བསྡུར་བརྗེ་སྤེལ། ཆེད་དོན་བྱེད་སྒོ་སྤེལ་བ་སོགས་ཀྱི་ཐབས་ལམ་སྤྱད་དེ། དུས་བསྟུན་མདུན་སྐྱོད་ཀྱིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བསྟན་དོན་འཆད་འགྲེལ་ལས་དོན་སྤེལ་དགོས། ཆོས་ལུགས་བསྟན་དོན་ཁྲོད་ཀྱི་སྤྱི་ཚོགས་འཆམ་མཐུན་དང་དུས་རབས་ཡར་ཐོན། བདེ་ཐང་དཔལ་ཡོན་གྱི་ནང་དོན་སྔོག་འདོན་གཏིང་ཟབ་སྒོས། ཆོས་ལུགས་བསྟན་དོན་དེ་ས་ཁུལ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་ཞིང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་མཐུན་པའི་འཆད་འགྲེལ་བྱས་ཏེ། དད་ལྡན་མང་ཚོགས་ཀྱི་དུས་ཚོད་དང་སེམས་ཤུགས་མང་པོ་ཐོན་སྐྱེད་འཕེལ་རྒྱས་དང་དབུལ་ཐར་འགག་སྒྲོལ། འཚོ་བ་བསྒྱུར་བཅོས། འབྱོར་འབྲིང་མཉམ་སྐྲུན་བཅས་ཀྱི་སྟེང་བཀོལ་བར་སྣེ་ཁྲིད་ནས། ཧུར་ཐག་གིས་མགོ་ལོག་འཛུགས་སྐྲུན་དང་འཕེལ་རྒྱས་ལ་ཞུགས་པར་སྐུལ་འདེད་བྱེད་དགོས། བསླབ་འཛིན་སྤྱོད་བཟང་དར་སྤེལ་ཡག་པོ་གཏོང་དགོས། འཆམ་མཐུན་དགོན་སྡེ་དང་ཡ་རབས་གྲྭ་ཤག ལྔ་བཟང་དགེ་འདུན་པ་སོགས་ཀྱི་གཟེངས་བསྟོད་དཔྱད་བསྡུར་སྤེལ་བར་རྩ་འཛུགས་བྱེད་པ་བརྒྱུད་དེ། ཚུལ་ཁྲིམས་དམ་སྲུང་དང་བདེན་འཛིན་དགེ་སྤེལ་གྱི་སློབ་གསོ་ཡག་པོ་འཛིན་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བས་ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ལ་ཁྲིད་སྟོན་སློབ་གསོ་གནང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་དགོས་ལ། ཀུན་སྤྱོད་བློ་སྦྱོང་རྒྱུན་ཆད་མེད་པར་མཐོ་འདེགས་དང་ཁ་དན་ཚིག་གནས་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས། སྤྱི་ཚོགས་ཀྱི་ཀུན་སྤྱོད་བརྩི་སྲུང་དང་སྤྱི་ཚོགས་འཆམ་མཐུན་ལ་སྲུང་སྐྱོང་བྱེད་དགོས། དོ་དམ་ནུས་པ་མཐོ་འདེགས་སུ་གཏོང་བ། ཁྲིམས་ལྟར་ཆོགས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུ་ནི་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དང་ནང་དོན་གལ་ཆེན་ཡིན་པར་ངོས་འཛིན་གཏིང་ཟབ་སྒོས། ཁྲིམས་ལྟར་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་སྤྱི་གཞུང་ཁེ་ཕན་དང་འབྲེལ་བའི་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས། མུ་མཐུད་དུ་དགོན་སྡེ་དང་གྲྭ་བཙུན། ཆོས་ལུགས་བྱེད་སྒོ་སོགས་ཀྱི་དོ་དམ་ལམ་ལུགས་ཁག་འཐུས་ཚང་དུ་གཏོང་དགོས། སྲིད་ཇུས་དང་ལམ་ལུགས་ལག་བསྟར་བྱེད་ནུས་མཐོ་འདེགས་སྒོས་ཁྲིམས་ལྟར་དོ་དམ་དང་སྤྱི་ཚོགས་ལྟ་སྐུལ་། དམངས་གཙོའི་དོ་དམ་བཅས་ཀྱི"ཕྱོགས་གསུམ་གཞི་གཅིག"གི་དོ་དམ་བྱེད་སྟངས་ལ་ཤུགས་སྣོན་རྒྱག་དགོས་ལ། མུ་མཐུད་དུ་ཆོས་ལུགས་དེ་ཁྲིམས་སྐྱོང་ཅན་དང་ལམ་ལུགས་ཅན། ཚད་ལྡན་ཅན་བཅས་ཀྱི་དོ་དམ་ལ་སྐུལ་འདེད་བྱེད་དགོས།

  习近平总书记指出:“积极引导宗教与社会主义社会相适应,必须辩证看待宗教的社会作用,必须重视发挥宗教界人士作用。”引导宗教与社会主义社会相适应,必须阐释好宗教教义。我们要在统战民宗部门的指导下,创新思路,丰富载体,采取佛教论坛、研讨交流、专期活动等方式,与时俱进开展藏传佛教教义阐释工作,深入挖掘教义教规中有利于社会和谐、时代进步、健康文明的内容,对宗教教义做出符合地区经济社会发展需要、符合中华优秀传统文化的阐释,引导信教群众把更多的时间和精力放在发展生产、脱贫攻坚、改善生活和共建小康上,积极参与并推动果洛的建设和发展。倡导好持戒修德。通过组织开展和谐寺院、文明僧舍、五好僧人等表彰评比活动,抓好持戒守法、求真行善教育,用社会主义核心价值观引领教育宗教界人士和信教群众,弘扬中华民族优良传统,不断提升道德修养,增强诚信意识,遵守社会公德,维护社会和谐。提升好管理能力。深刻认识依法管理宗教事务是党的宗教工作基本方针和重要内容,坚持依法对涉及国家利益和社会公共利益的宗教事务进行管理,进一步健全完善寺院、僧侣和宗教活动等各项管理制度,提升政策和制度执行能力,强化依法管理、社会监督和民主管理“三位一体”的管理方式,不断促进宗教法治化、制度化、规范化管理。

  གསུམ་པ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པར་དམིགས་ནས། འཆམ་མཐུན་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་འདོན་སྤེལ་བྱེད་དགོས།

  三、紧紧围绕全国民族团结进步示范州创建,在促进和谐中发挥作用

  ད་ལོ་རང་རེའི་ཁུལ་གྱིས་བརྩོན་ལེན་བྱེད་བཞིན་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ལ་རྒྱལ་ཁ་ཐོབ་དགོས། འདི་ནི་ཁུལ་ཨུ་ཁུལ་སྲིད་གཞུང་གིས་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་བཅས་ཀྱི་མགོ་ལོག་གསར་བ་འཛུགས་སྐྲུན་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། མགོ་ལོག་གི་མི་ཚང་མར་འབྲེལ་བ་ཟབ་མོ་ཡོད་པ་དང་འབྲེལ་ཐག་དམ་པོ་ཡོད། གསར་འཛུགས་ལས་དོན་ཁྲོད། ཁུལ་ཨུས་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་དེའི་ནང་གི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ། འཆམ་མཐུན་དགོན་སྡེའི་འཛུགས་སྐྲུན་གཏིང་ཟབ་དང་ཆོས་ལུགས་ལས་དོན་དོ་དམ་ཤུགས་སྣོན། སྤྱི་སྤྱོད་ཞབས་ཞུའི་ནུས་པ་མཐོ་འདེགས་སོགས་ཀྱི་ཐད་ལ་ཞིབ་ཕྲའི་བླང་བྱ་བཏོན་པ་མ་ཟད། ཚང་མས་དགེ་མཚན་ལྡན་པའི་ནུས་པ་སྔར་ལས་ལྷག་པའི་སྒོ་ནས་འདོན་སྤེལ་བྱ་རྒྱུའི་སྟེགས་བུ་ཆེན་པོ་ཞིག་ཀྱང་མཁོ་སྤྲོད་བྱེད་ཡོད། ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་ལས་དོན་འདི་ལ་ཚད་མཐོན་པོའི་མཐོང་ཆེན་གནང་སྟེ། དཔེ་སྟོན་ཁུལ་གསར་འཛུགས་ནང་ཞུགས་པའི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་སྔར་བས་ཆེ་རུ་གཏོང་དགོས། དགེ་མཚན་ལྡན་པའི་རྒྱུ་རྐྱེན་སྔོག་འདོན་དང་དར་སྤེལ་སྒོས། རང་འགུལ་གྱིས་ཏང་ཨུ་སྲིད་གཞུང་ལ་རོགས་འདེགས་བྱས་ནས་དད་ལྡན་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་ལ། ནུས་ཤུགས་ཡོད་དགུས་ཆོས་ལུགས་ཁྱབ་ཁོངས་ཀྱི་འཆམ་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས། གོམ་གང་མདུན་སྤོས་སྒོས་ཏང་གི་ཆོས་ལུགས་སྲིད་ཇུས་ལ་སློབ་སྦྱོང་ལག་བསྟར་ཡག་པོ་བྱས་ནས། ཁྲིམས་ཤེས་པ་དང་། ཁྲིམས་སློབ་པ། ཁྲིམས་རྟོགས་པ། ཁྲིམས་སྲུང་བ་བཅས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་དགོས། ཁྲིམས་ལུགས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་སྟེ། སྲིད་ཇུས་དང་བཅའ་ཁྲིམས་ཀྱིས་ཆོག་མཆན་ཐུབ་པའི་ཁྱབ་ཁོངས་ནང་ཆོས་ལུགས་བྱེད་སྒོ་སྤེལ་དགོས། "རྒྱལ་གཅེས་ཆོས་གཅེས་དང་། སྡོམ་ཁྲིམས་དམ་སྲུང་། དོ་དམ་ཚད་ལྡན། བྱེད་སྒོ་གོ་རིམ་ཅན། སིལ་འཛུམ་ལ་རྒོལ་ལན། བརྟན་ལྷིང་སྲུང་སྐྱོང་། སྤྱི་ཚོགས་ལ་ཞབས་ཞུ། འཆམ་མཐུན་ལ་སྐུལ་འདེད"བཅས་ཚད་གཞིར་བཟུང་སྟེ། འཆམ་མཐུན་དགོན་སྡེའི་དཔེ་ལེགས་ཅན་བརྩོན་ལེན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མིག་དཔེ་བརྩོན་ལེན་སྒོས། "བརྗོད་བྱ་གཅིག"དང"ཁ་བྲལ་ཐབས་མེད་པ་གསུམ།""ངོས་འཛིན་ལྔ"ཡི་བསམ་བློ་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་སེམས་སུ་ཟུག་ཐུབ་པ་བྱེད་དགོས།

  今年我州要力争成功创建全国民族团结进步示范州,这是州委州政府推动富裕文明和谐美丽新果洛建设的一项重要举措,与每一个果洛人都息息相关、紧密相连。在创建工作中,州委把做好宗教工作作为其中一项重要内容,从深化和谐寺院建设、加强宗教事务管理、提升公共服务能力等方面提出了具体要求,也为大家更好地发挥积极作用提供了广阔平台。全州藏传佛教界要高度重视这项工作,进一步提高投身示范州创建的主动性和积极性,挖掘和弘扬有利因素,主动协助党委政府做好信教群众工作,全力维护宗教领域和谐稳定;进一步学习贯彻好党的宗教政策,增强知法、学法、懂法、守法的意识,强化法制观念,在政策和法律允许的范围内开展宗教活动;以“爱国爱教、持戒守法,管理规范、活动有序,抵御渗透、维护稳定,服务社会、促进和谐”为标准,争当和谐寺院的模范,争做民族团结进步的表率,让“一个主题”“三个离不开”和“五个认同”思想深植于广大信教群众心中。

  ད་ལོ་ནི་དབུལ་ཐར་འགག་སྒྲོལ་ངེས་འཐབ་ངེས་རྒྱལ་གྱི་གནད་འགག་གི་ལོ་ཞིག་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ"ཡོངས་སུ་རྒྱལ་ཁ་མ་ཐོབ་ན། དམག་མི་ཕྱིར་འཐེན་མི་བྱེད"ཅེས་པའི་འགག་སྒྲོལ་བཀའ་རྒྱ་གནང་ཡོད། མགོ་ལོག་ནི་ཞིང་ཆེན་ཡོངས་ལས་དབུལ་བོའི་ནང་གི་དབུལ་བོ་དང་། ཕོངས་བའི་ནང་གི་ཕོངས་བ། དཀའ་ངལ་ཁྲོད་ཀྱི་དཀའ་གནད་ཡིན་པའི་ཆ་ནས། བལྟོས་མེད་ཀྱི་དབུལ་བོའི་མི་འབོར"གཙང་ཐིག"གི་ལོ་འཁོར་ལས་འགན་གྱི་དམིགས་ཡུལ་མངོན་འགྱུར་བྱེད་པར། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་གཅིག་སྒྲིལ་དང་ཧུར་ཐག་འབད་བརྩོན་བྱེད་དགོས། འདིའི་ཁྲོད་དུ་ཆོས་ལུགས་ལས་རིགས་ཀྱིས་རང་འགུལ་ནང་ཞུགས་དང་ཧུར་ཐག་ལས་བརྩོན་ཡང་ཁ་བྲལ་ཐབས་མེད། ལོ་གསུམ་ལྷག་རིང་གི་དབུལ་ཐར་འགག་སྒྲོལ་གྱི་ལག་ལེན་ཁྲོད་ང་ཚོས་ཤེས་རྟོགས་བྱུང་བ་ནི། ཁུལ་ཡོངས་ཀྱི་ས་ཁུལ་རེ་འགའ་ཞིག་གིས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་འཛུགས་སྐྲུན་དང་ཆོས་ལུགས་བྱེད་སྒོ་སྤེལ་བ། མང་ཚོགས་རང་བཞིན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་བ་སོགས་ཀྱི་ཕྱོགས་ལ། ཕན་ཚུན་འགྲན་སློང་། གཞི་ཁྱོན་དང་རྒྱས་སྤྲས་དོན་གཉེར་སོགས་ཀྱི་གནད་དོན་སྔར་བཞིན་གནས་པས། དད་ལྡན་མང་ཚོགས་ལ་མངོན་སུམ་མ་ཡིན་པའི་ཁུར་བོ་ཞིག་ཇེ་ལྗིད་དུ་བཏང་བ་མ་ཟད། ཚད་ངེས་ཅན་ཞིག་གི་ཐོག་ནས་དབུལ་ཐར་འགག་སྒྲོལ་གྱི་འཕེལ་རིམ་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད། ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་ཏང་ཨུ་སྲིད་གཞུང་གི་དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྐྲུན་ཐུབ་པའི་བཀོད་སྒྲིག་བླང་བྱ་ནང་ལྟར། ནན་ཏན་སྒོས་ཁུལ་ཨུ་ཁུལ་སྲིད་གཞུང་གིས་གཏན་འབེབས་བྱས་པའི«མགོ་ལོག་ཁུལ་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་འགྲོ་གྲོན་ཚད་ལྡན་དང་ཇེ་ཉུང་དུ་གཏོང་བའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར»ལག་བསྟར་དོན་འཁྱོལ་བྱས་ནས། "བྱམས་བརྩེ་སྙིང་རྗེ་དང་བདེ་སྐྱིད་བརྩེ་ལྡན"གྱི་སྲོལ་རྒྱུན་དར་སྤེལ་ལ་ཤུགས་བཏོན་ཏེ། ནུས་པ་ལྡན་པའི་ངང་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་ཁུར་བོ་ཇེ་ཡང་གཏོང་དགོས་ལ། ཁུལ་ཡོངས་དབུལ་ཐར་འགག་སྒྲོལ་གྱི་དམིགས་ཡུལ་དུས་ལྟར་མངོན་འགྱུར་ཡོང་བར་འབུལ་འོས་པའི་ལག་རྗེས་འཇོག་དགོས།

  今年是脱贫攻坚决战决胜的关键之年,习近平总书记向全党全国各族人民发出了“不获全胜、绝不收兵”的攻坚号令。果洛作为全省的贫中之贫、困中之困、坚中之坚,实现绝对贫困人口“清零”的年度任务目标,需要全州上下团结一致、奋力拼搏,这里面也离不开宗教界的主动参与、积极作为。从三年多脱贫攻坚的实践我们发现,全州一些地区在宗教场所建设、宗教活动举办和群众性宗教活动等方面,依然存在相互攀比、追求规模和奢华等问题,无形中增加了信教群众的宗教负担,也在一定程度上影响了脱贫攻坚进程。全州藏传佛教界要按照党委政府打赢脱贫攻坚战、建成全面小康的部署要求,认真贯彻落实州委州政府制定的《关于果洛州规范和减少信教群众宗教支出的指导意见》,大力发扬“慈悲济世、利乐有情”的传统,有效减轻信教群众宗教负担,为全州脱贫攻坚目标如期实现作出应有的贡献。

  བཞི་པ། "བདེ་འཇགས་མགོ་ལོག"དང"འཆམ་མཐུན་དགོན་སྡེ"ལ་དམ་པོར་དམིགས་ནས། རང་ངོས་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ་འགན་གསལ་རང་འབད་བྱེད་དགོས།

  四、紧紧围绕“平安果洛”“和谐寺院”,在加强自身建设上明责自强

  མགོ་ལོག་ཏུ་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་རིང་ཞིང་ཤུགས་རྐྱེན་རྒྱ་ཆེན་ཡོད། འདི་ནི་ང་ཚོས་ངེས་པར་དུ་གསལ་བོ་ཤེས་དགོས་པའི་ཆོས་ལུགས་རྒྱུན་འཛིན་དང་སྤྱི་ཚོགས་བདེ་སྐྲུན། སྤྱི་ཡོངས་ལ་ཞལ་འདེགས་ཞུ་བ་བཅས་ཀྱི་འགན་འཁྲི་དང་འོས་འགན་ཡིན། ཁ་ཕྱོགས་ཡང་དག་དང་ཞིབ་འཇུག་ཞིབ་ཚགས། སྣང་བརྙན་ཡག་སྐྲུན་བཅས་ཀྱི་སྒོ་ནས། མུ་མཐུད་དུ་རང་ངོས་ཀྱི་ནུས་པ་མཐོ་འདེགས་དང་སྤྱི་ཚོགས་ཀྱི་དགོས་མཁོ་ལ་འཚམ་པ་བྱེད་དགོས། གཅིག་ནི་བསམ་བློའི་འཛུགས་སྐྲུན་སྟེང་འབད་བརྩོན་སྒོས་ཆུ་ཚད་ཇེ་མཐོར་གཏོང་དགོས། མུ་མཐུད་དུ་སློབ་སྦྱོང་ལ་ཤུགས་བསྣན་ནས། རིག་གནས་ཀྱི་རྨང་གཞི་སྲ་བརྟན་དང་ཕྱོགས་བསྡུས་སྤུས་ཚད་མཐོ་འདེགས་སྒོས། རང་ཉིད་ཀྱི་བསམ་བློ་དང་བློ་སྦྱོང་། ཤེས་ཡོན་བཅས་གནས་བབ་གསར་བ་དང་ལས་འགན་གསར་བའི་དགོས་མཁོ་ལ་འཚམ་མཐུད་ཡོང་བར་བྱེད་དགོས། བོད་བརྒྱུད་ནང་བསྟན་གྱི"བརྗིད་ཆགས་རྒྱལ་ས་དང་རྒྱལ་ཕན་དམངས་ཕན"དེ་དར་སྤེལ་བྱེད་པར་ཟུང་འབྲེལ་སྒོས། སྤྱི་ཚོགས་ལ་བསྟུན་པ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུས་ཏེ། སྤྱི་ཚོགས་འགན་འཁྲི་སྒྲུབ་པ་བཅས་བྱེད་དགོས། གཉིས་ནི་རྩ་འཛུགས་འཛུགས་སྐྱོང་སྟེང་འབད་བརྩོན་སྒོས་ཆུ་ཚད་ཇེ་མཐོར་གཏོང་དགོས། ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་འཐུས་སྒོ་ཚང་བའི་སྒྲིག་སྲོལ་ལམ་ལུགས་བཙུགས་ཏེ། ཚན་ཁག་མཐུན་སྒྲིལ་རྒྱུན་འཁྱོངས་སྒོས་སྟོབས་ཤུགས་མཉམ་སྒྲིལ་གྱིས་ཆབ་སྲིད་ཐོག་བློ་ཁེལ་ཆོག་པ་དང་སྤྱོད་ཚུལ་ཐོག་དམངས་གཙོ་ལྡན་པ། ལས་ཀའི་ཐོག་ཕན་འབྲས་ཆེ་བ་བཅས་ཀྱི་སྤུས་ཚད་མཐོ་བའི་མགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ཐད་ལ་འབད་བརྩོན་བྱེད་དགོས། ནང་བསྟན་མཐུན་ཚོགས་ཀྱིས་ཆོས་ལུགས་ལས་འགན་ཁྲོད་དུ་རྩ་འཛུགས་དང་མཐུན་སྦྱོར། ཞབས་ཞུ་བཅས་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས། གསུམ་ནི་ལམ་ལུགས་འཛུགས་སྐྲུན་སྟེང་འབད་བརྩོན་སྒོས་ཆུ་ཚད་ཇེ་མཐོར་གཏོང་དགོས། ཆོས་ལུགས་ཚོགས་པའི་སྒྲིག་ཡིག་ནང་ལྟར། རང་ངོས་ཀྱི་ཁྱད་ཆོས་ལ་འཚམ་ཞིང་ལས་ཀའི་འཁོར་སྐྱོད་ཀྱི་དགོས་མཁོ་ལ་འཚམ་པའི་ལམ་ལུགས་འཐུས་ཚང་ཞིག་འཛུགས་དགོས། རང་ཉིད་ལ་བླང་བྱ་ནན་མོ་བཏོན་ནས་སྒྲིག་སྲོལ་ལམ་ལུགས་དོན་འཁྱོལ་དམ་སྲུང་བྱེད་དགོས་ལ། སྒྲིག་ལམ་ཡོད་ན་ངེས་པར་བརྩི་སྲུང་བྱེད་པ་དང་སྒྲིག་འགལ་བྱུང་ན་ངེས་པར་ཡོ་བསྲང་བྱེད་པ་སྒྲུབ་ཐུབ་དགོས། རང་གིས་རང་ལ་གཅུན་སྡོམ་ནན་མོ་བྱས་ཏེ་རང་ཉིད་དོ་དམ་འཐུས་ཚང་གིས་རང་ཉིད་ཡར་ཐོན་ཡོང་བ་མངོན་འགྱུར་བྱེད་དགོས། བཞི་ནི་ན་གཞོན་དགེ་འདུན་པའི་གསོ་སྐྱོང་སློབ་གསོའི་སྟེང་འབད་བརྩོན་སྒོས་ཆུ་ཚད་ཇེ་མཐོར་གཏོང་དགོས། ཆབ་སྲིད་ཐོག་བློ་ཁེལ་ཆོག་པ་དང་ཆོས་ལུགས་ཐོག་ཡོན་ཚད་ཡོད་པ། ཀུན་སྤྱོད་ཐོག་བློར་འབབ་པ། གནད་འགག་གི་དུས་སུ་ནུས་པ་ཐོན་པ་བཅས་ཀྱི་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ། ན་གཞོན་དགེ་འདུན་པའི་བསམ་བློའི་སློབ་གསོར་ཤུགས་སྣོན་དགོས། ཁོ་ཚོ་ཆོས་ལུགས་བསྟན་བཅོས་ལ་བརྩོན་ལེན་གང་ཐུབ་བྱེད་པར་ཁྲིད་སྟོན་བྱས་ནས། རྒྱུན་མ་ཆད་པར་ཆོས་ལུགས་ལ་སློབ་སྦྱོང་དང་ཐོས་བསམ་བྱེད་པར་ཤུགས་སྣོན་དགོས་ལ། དེ་བས་ཀྱང་ཏང་གི་ཆོས་ལུགས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ། དེ་མིན་དེང་རབས་ཤེས་བྱ་ལ་སློབ་སྦྱོང་བྱེད་པར་མཐོང་ཆེན་གནང་དགོས།

  藏传佛教在果洛有着悠久的历史和广泛的影响。这就要求我们必须明确传承宗教、造福社会、服务大局的职责和义务,把好方向、精研细修、接好地气、树好形象,不断提升自身能力,顺应社会需要。一要在思想建设上下功夫、上水平。要持续加强学习,夯实文化基础,提高综合素质,使自己的思想、修养和造诣能够不断适应新形势新任务的需要;要结合藏传佛教“庄严国土、利国利民”的倡导,顺应社会、服务社会,履行社会责任。二要在组织建设上下功夫、上水平。州佛协要建立健全规章制度,坚持班子团结,形成合力,努力建设政治上可信、作风上民主、工作上高效的高素质领导班子,切实发挥好佛协在宗教事务中的组织、协调和服务作用。三要在制度建设上下功夫、上水平。根据宗教团体章程,健全完善一套适应自身特点、适应工作运行需要的制度;要严格要求自己,狠抓规章制度的落实,做到有章必循、违章必纠,严格自我约束,完善自我管理,实现自我提升。四要在年轻僧侣培养教育上下功夫、上水平。要坚持政治上靠得住、宗教上有造诣、品德上能服众、关键时起作用的标准,加强年轻僧侣的思想教育,引导他们既要用心钻研宗教经典,不断提高宗教学识和修为,更要注重党的宗教政策和国家法律法规以及现代知识的学习。

  འཐུས་མི་རྣམ་པ། བློ་མཐུན་རྣམ་པ། ཏང་གི་ཆོས་ལུགས་ལས་དོན་ལ་མགོ་ཁྲིད་བྱེད་པར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུ་ནི་གནས་བབ་གསར་བའི་འོག་ཏུ་ཆོས་ལུགས་ལས་དོན་ལེགས་པར་སྒྲུབ་པའི་འགག་རྩའི་འགན་ལེན་ཡིན། རིམ་པ་ཁག་གི་ཏང་ཨུས་ནན་ཏན་གྱིས་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་སྒོས། «ཆོས་ལུགས་ལས་འགན་སྲོལ་ཡིག»དོན་འཁྱོལ་ནན་མོ་བྱེད་དགོས་ལ། ཆོས་ལུགས་ལས་དོན་དེ་ཉིན་རེའི་གྲོས་རིམ་གལ་ཆེན་གྱི་ནང་དུ་བཅུག་ནས། ཆོས་ལུགས་ལས་དོན་ཁྲོད་ཀྱི་གནད་དོན་གཙོ་བོ་དུས་ཐོག་ཏུ་ཞིབ་འཇུག་ཐག་གཅོད་བྱེད་པ་དང་། ཆོས་ལུགས་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡོང་བར་སྐུལ་འདེད་སྒོས། ཆོས་ལུགས་དང་སྤྱི་ཚོགས་རང་ལུགས་སྤྱི་ཚོགས་འཚམ་མཐུན་ཡོང་བར་སྐུལ་འདེད་བྱེད་དགོས། ང་ཚོས་སྔར་བཞིན་རྒྱལ་གཅེས་ཆོས་ལུགས་ཚོགས་པས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་པ་རྒྱུན་འཁྱོངས་སྒོས། ཁུལ་ཆོས་ལུགས་ནང་བསྟན་མཐུན་ཚོགས་ཀྱིས་ལས་དོན་སྤེལ་བར་རྒྱབ་སྐྱོར་དང་རོགས་རམ་གནང་དགོས་ལ། དུས་མཉམ་དུ། ཁུལ་ནང་བསྟན་མཐུན་ཚོགས་སྐབས་གསར་བའི་ལས་འཛིན་ལྷན་ཚོགས་ཀྱིས་ཐེངས་འདིའི་ཚོགས་འདུ་དེ་མགོ་ཚུགས་ས་གསར་བ་ཞིག་ཏུ་བཟུང་ནས། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་ཀྱིས་ཞིས་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་ཀྱི་དགོངས་པ་མཛུབ་སྟོན་བྱས་ཏེ། ཏང་གི་ཆོས་ལུགས་སྲིད་ཇུས་དང་ཁུལ་ཨུ་ཁུལ་སྲིད་གཞུང་གི་ལས་དོན་བླང་བྱ་དོན་འཁྱོལ་ལག་བསྟར་སྒོས། བོད་བརྒྱུད་ནང་བསྟན་ལས་རིགས་ལ་རྩ་འཛུགས་སྐུལ་སློང་གིས་མུ་མཐུད་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་བསྒྲེངས་རྒྱུ་དེ་རེ་བ་ཡིན། བཅའ་ཁྲིམས་ཁྲིམས་སྲོལ་གྱི་ཁྱབ་ཁོངས་ནང་བྱེད་སྒོ་སྤེལ་བ་རྒྱུན་འཁྱོངས་སྒོས། རང་ངོས་འཛུགས་སྐྱོང་ལ་རྒྱུན་མ་ཆད་པར་ཤུགས་སྣོན་བྱེད་དགོས། ཆོས་ལུགས་མཐུན་ཚོགས་ཀྱིས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན། རིག་གནས་དར་རྒྱས། སྐྱེ་ཁམས་དཔལ་ཡོན། ཁྲིམས་སྐྱོང་འཛུགས་སྐྲུན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ནས། འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་མགོ་ལོག་གསར་བ་བསྐྲུན་ཆེད་ལག་རྗེས་དེ་བས་ཀྱང་ཆེ་བ་ཞིག་འབུལ་དགོས།

  各位代表、同志们,加强和改进党对宗教工作的领导是做好新形势下宗教工作的根本保证。各级党委要认真贯彻宗教工作基本方针,严格落实《宗教事务条例》,把宗教工作纳入重要议事日程,及时研究解决宗教工作中的重要问题,推动落实宗教工作决策部署,促进宗教与社会主义社会相适应。我们要一如既往地支持爱国宗教团体加强自身建设,为州佛协开展工作提供支持和帮助。同时,希望州佛协新一届理事会要以此次会议为新起点,坚持党的领导,坚持以习近平新时代中国特色社会主义思想为指导,贯彻落实好党的宗教政策和州委州政府工作要求,动员组织藏传佛教界继续高举爱国爱教旗帜,坚持在法律法规范围内开展活动,不断加强自身建设,发挥佛协在促进经济发展、社会和谐、文化繁荣、生态文明和法治建设中的积极作用,为建设富裕文明和谐美丽新果洛作出更大的贡献!

  འཐུས་མི་རྣམ་པ། བློ་མཐུན་རྣམ་པ། ད་ལོ་ནི་ཀྲུང་གོ་གསར་བ་དབུལ་བརྙེས་ནས་ལོ་འཁོར ༧༠ ལོན་པ་དང་། མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར ༧༠ ལོན་པ། མགོ་ལོག་ལ་སྲིད་དབང་བཙུགས་ནས་ལོ་འཁོར ༦༥ ལོན་པའི་ལོ་བཅས་ཡིན་ལ། ང་ཚོས་མཉམ་དུ་རླབས་ཆེན་གྱི་མེས་རྒྱལ་དར་རྒྱས་གོང་འཕེལ་དང་རྒྱལ་བདེ་དམངས་སྐྱིད་ཡོང་བའི་སྨོན་འདུན་ཞུ། ང་ཚོས་མཉམ་དུ་མགོ་ལོག་གི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་ཉིན་བཞིན་འཕེལ་རྒྱས་ཡོང་བར་ཡང་སྨོན་འདུན་ཞུ།

  各位代表、同志们,今年是新中国成立70周年、青海解放70周年、果洛建政65周年。让我们共同祝愿伟大祖国繁荣昌盛、国泰民安!共同祝愿果洛各项事业蒸蒸日上、欣欣向荣!

  མཇུག་མཐར། མགོ་ལོག་ཁུལ་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་ལྔ་པ་བདེ་ལེགས་ངང་མཇུག་རྫོགས་པར་སྔོན་སྨོན་ཞུ་རྒྱུ་ཡིན། ཚོགས་ཞུགས་འཐུས་མི་ལྷན་རྒྱས་ཀྱི་ལུས་ཁམས་བདེ་ཐང་ཡོང་བའི་བཀྲ་ཤིས་བདེ་ལེགས་ཞུ།

  预祝果洛州藏传佛教协会第五次代表大会圆满成功!祝各位与会代表身体健康、扎西德勒!